Phagchok Samdrupcholling Gonpa

Website Contact the business

Phagchok Samdrupcholling Gonpa It was built in the year 1973 by Late Phagchok Rinpoche, Drupwang Lama Kuenzang Namdrol. The monast

༈ འཕགས་མཆོག་བསམ་གྲུབ་ཆོས་གླིང་དུ་དེ་རིང་ཀརྨ་རི་ཥིའི་ཉིན་བཟང་པོའི་དུས་འདིར། ཆོས་སྡེའི་དབུ་འཛིན་མཁན་རིན་པོ་ཆེ་མཆོག་གིས་དད་...
23/09/2026

༈ འཕགས་མཆོག་བསམ་གྲུབ་ཆོས་གླིང་དུ་དེ་རིང་ཀརྨ་རི་ཥིའི་ཉིན་བཟང་པོའི་དུས་འདིར། ཆོས་སྡེའི་དབུ་འཛིན་མཁན་རིན་པོ་ཆེ་མཆོག་གིས་དད་ཅན་སྐྱ་སེར་ཡོངས་ལ་ཁྲུས་གསོལ་གནང་སྟེ། ཁྲུས་བབས་ཀྱི་རྟེན་འབྲེལ་རྩིས་སྲུང་ཞུས་པའི་བརྙན་པར་སྤྱན་འབུལ།

Phagchok Samdrup Choeling, on this auspicious occasion of Karma Rishi Day, Khenchen, bestowed a sacred bathing blessing upon all devoted lay and ordained followers. Thruebab Tashi Delek to each and everyone la.

༈ དྲིན་ཆེན་རྩ་བའི་བླ་མའི་རྗེས་དྲན་ཁུར་རྩེད་འགྲན་སྡུར་གསལ་བསྒྲགས།
22/09/2026

༈ དྲིན་ཆེན་རྩ་བའི་བླ་མའི་རྗེས་དྲན་ཁུར་རྩེད་འགྲན་སྡུར་གསལ་བསྒྲགས།

༈ དབྱར་གནས་ཀྱི་མཛད་རིམ་རྣམས་མཇུག་ལེགས་པར་གྲུབ་ནས། ཁ་སང་དགེ་འདུན་པ་རྣམས་ལྗངས་རྒྱུར་ཕེབས་གནང་ཡོད། ལོ་ལྟར་དབྱར་རྙེད་པ་སྦྱིན...
12/09/2026

༈ དབྱར་གནས་ཀྱི་མཛད་རིམ་རྣམས་མཇུག་ལེགས་པར་གྲུབ་ནས། ཁ་སང་དགེ་འདུན་པ་རྣམས་ལྗངས་རྒྱུར་ཕེབས་གནང་ཡོད། ལོ་ལྟར་དབྱར་རྙེད་པ་སྦྱིན་བདག་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ། ཁྱེད་རྣམས་ཀྱི་དད་འདུན་དང་རྣམ་དཀར་གྱི་ལས་དགེ་རྣམས་དུས་རྟག་ཏུ་འཕེལ་ཞིང་། བསྟན་པ་དང་འགྲོ་བ་ཀུན་ལ་ཕན་པའི་རྒྱུ་འགྱུར་བར་སྨོན།

༈ ཁ་སང་སྤྱི་ལོ་༢༠༢༦ རང་ཟླ་༧ པའི་ཚེས་༢༩ ཉིན། དགག་དབྱེའི་སྦྱོར་ཆོས་མཚན་ཐོག་ཐག་ཏུ་ཆོས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའ...
11/09/2026

༈ ཁ་སང་སྤྱི་ལོ་༢༠༢༦ རང་ཟླ་༧ པའི་ཚེས་༢༩ ཉིན། དགག་དབྱེའི་སྦྱོར་ཆོས་མཚན་ཐོག་ཐག་ཏུ་ཆོས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་མཆོད་པའི་སྤྲིན་ཕུང་ཟབ་རྒྱས་སུ་གནང་ཡོད་པ་དང་། དབྱར་གནས་ཀྱི་སྐབས་སུ་བཤད་རྒྱུགས་དང་། བགྲོ་གླེང་། རྩོད་པའི་འགྲན་སྡུར་གནང་མཁན་བཅས་ལ་ཨང་རིམ་རྩེ་ཕུད་སོན་པའི་སློབ་ཕྲུག་རྣམས་ལ་བྱ་དགའ་དང་གཟེངས་བསྟོད་བཅས་གནང་བའི་སྐབས་ཀྱི་པར་རིས་འགའ་གཟིགས་འབུལ།

༈ གནམ་ལོ་མེ་ཕོ་རྟ་ལོ། སྤྱི་ལོ་༢༠༢༦ ལོའི་འཕགས་མཆོག་བསམ་གྲུབ་ཆོས་གླིང་ཆོས་ཚོགས་ཀྱི་དབྱར་གནས་ཐེངས་ལྔ་པའི་སྐབས་སུ། བསྟན་པའི་...
09/09/2026

༈ གནམ་ལོ་མེ་ཕོ་རྟ་ལོ། སྤྱི་ལོ་༢༠༢༦ ལོའི་འཕགས་མཆོག་བསམ་གྲུབ་ཆོས་གླིང་ཆོས་ཚོགས་ཀྱི་དབྱར་གནས་ཐེངས་ལྔ་པའི་སྐབས་སུ། བསྟན་པའི་གཞི་མ་དགེ་འདུན་འདུས་ཚོགས་ཡོངས་ལ་གསོལ་ཚོགས་དང་། དམངས་ཇ། སྐུ་འགྱེད་སོགས་མོས་ལྡན་གཏོང་ཕོད་ཅན་གྱི་ཆོས་སྦྱིན་སྦྱིན་བདག་སྡེ་ཚན་༡༣༠ ལྷག་ཙམ་གྱིས་བསྙེན་བཀུར་ཞུས་འདུག་པས། སྦྱིན་བདག་གནང་མཁན་ཡོངས་ལ་ཆོས་སྡེ་འདིའི་ཁྲི་འཛིན་མཁན་རིན་པོ་ཆེས་དབུས་པའི་འདུས་ཚོགས་ཡོངས་ནས་ཐུགས་རྗེ་ཆེ་ཞུ་ཞིང་། འཛམ་གླིང་ག་སར་བཞུགས་པའི་སྦྱིན་བདག་རྣམས་ཀྱིས་མ་འོངས་པའི་ལོ་རབས་སུའང་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྨོན་དང་བཅས།
On behalf of the entire Sangha, led by our esteemed Khen Rinpoche, we extend our deepest and heartfelt gratitude to every sponsor who has contributed with such devotion, generosity, and kindness.

To all our sponsors residing across different parts of the world , we sincerely hope and pray that your continued support and connection with the monastery will remain strong for many years to come.

༈ ཁ་སང་རྒྱལ་ས་ལྟེ་བ་ནས་ཡིན་པའི་དྲུང་མཚོ་རྟ་མགྲིན་གྱི་དབུས་གཙོས་དབྱར་གནས་ཞབས་ཏོག་ཚོགས་པའི་སྡེ་ཚན་སྦྱིན་བདག་༢༨ ལྷག་ཙམ་འདི་...
09/09/2026

༈ ཁ་སང་རྒྱལ་ས་ལྟེ་བ་ནས་ཡིན་པའི་དྲུང་མཚོ་རྟ་མགྲིན་གྱི་དབུས་གཙོས་དབྱར་གནས་ཞབས་ཏོག་ཚོགས་པའི་སྡེ་ཚན་སྦྱིན་བདག་༢༨ ལྷག་ཙམ་འདི་ག་གདན་ས་ཆེན་མོ་འཕགས་མཆོག་བསམ་གྲུབ་ཆོས་གླིང་དུ་ཕེབས་ནས། དབྱར་བཞུགས་དགེ་འདུན་པ་ཡོངས་ལ་ཉིན་གཅིག་གི་གསོལ་ཚོགས་དང་། སྐུ་འགྱེད་བསྙེན་བཀུར་གྱི་ཞབས་ཏོག་རྒྱ་ཆེར་ཞུས་གནང་བར། ཆོས་སྡེའི་རྒྱུན་ལས་ངོས་ནས་ལྷག་བསམ་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། དེ་ལྟར་དགེ་རྩ་རླབས་ཆེན་བསགས་པ་བརྟེན་ནས། དད་ལྡན་སྦྱིན་བདག་རྣམས་ཀྱང་ཚེ་རིང་བདེ་སྐྱིད་དཔལ་ལ་ལོངས་སྤྱོད་པ་དང་། མཐར་ཐུག་རིག་པ་རང་བྱུང་གི་ཡེ་ཤེས་ཚེ་འདི་ལ་མངོན་དུ་འགྱུར་བའི་སྨོན་ལམ་དང་བཅས་ཞུ།

More than 28 sponsors from the capital, led by Drungtsho Tandin, representing the Summer Retreat Support Group, visited the great seat of Phagchok Samdrup Choeling Gonpa.

During their visit, they generously offered a full day of meals and made extensive offerings and expressions of respect to all the Sangha members residing here for the summer retreat.

On behalf of the administration of the monastery, we would like to express our heartfelt gratitude,thank you for choosing our remote monastery and making the journey all the way from Thimphu, despite the distance and challenges along the way. Your devotion, generosity, and kindness toward the Sangha are deeply appreciated.
May all your aspirations be fulfilled, and may you ultimately attain the wisdom of awakening in this very lifetime.
Tashi Delek and thank you from the depths of our hearts. 🙏🙏

On the joyous occasion of Your Royal Highness’s birthday, Phagchok Samdrup Choeling Gonpa extend our heartfelt prayers a...
08/09/2026

On the joyous occasion of Your Royal Highness’s birthday, Phagchok Samdrup Choeling Gonpa extend our heartfelt prayers and warmest wishes for your long life, good health, happiness, and continued success.

Happy Birthday, Your Royal Highness!🙏🌸

༈ མཚན་ཐོག་ཐག་ཏུ་ཆོས་བཤད་ལས་རིམ་གྱི་གསལ་བསྒྲགས། འདུལ་བའི་གཞུང་ལས། མཚན་ཐོག་ཐག་ཆོས་འཆད་པའི་སེངྒེའི་ཁྲི་བརྒྱན་པ་དང་། མདོ་སྡེ...
07/09/2026

༈ མཚན་ཐོག་ཐག་ཏུ་ཆོས་བཤད་ལས་རིམ་གྱི་གསལ་བསྒྲགས།

འདུལ་བའི་གཞུང་ལས། མཚན་ཐོག་ཐག་ཆོས་འཆད་པའི་སེངྒེའི་ཁྲི་བརྒྱན་པ་དང་། མདོ་སྡེ་དང་། འདུལ་བ། མ་མོ་འཛིན་པའི་མཁས་པ་དག་ལ་གསོལ་བ་བཏབ་ནས། དེ་དག་གི་མཚན་ཐོག་ཐག་ཏུ་རེ་མོས་ཀྱིས་ཆོས་བཤད་པར་བྱའོ། །ཞེས་གསུངས་པ་ལྟར། མཚན་ཐོག་ཐག་གི་ཆོས་བཤད་ལས་རིམ་ལ་མཉམ་ཞུགས་གནང་བར་ཞུ།

༈ སྤྱི་ལོ་༢༠༢༦ ལོའི་བགྲོ་གླེང་དང་བཤད་རྒྱུགས་ཀྱི་ཉིན་མཐའ་མར། མཐོ་སློབ་བཤད་གྲྭའི་འཛིན་རིམ་ལྔ་པའི་སློབ་ཕྲུག་གཅིག་གིས་རྟགས་ར...
06/09/2026

༈ སྤྱི་ལོ་༢༠༢༦ ལོའི་བགྲོ་གླེང་དང་བཤད་རྒྱུགས་ཀྱི་ཉིན་མཐའ་མར། མཐོ་སློབ་བཤད་གྲྭའི་འཛིན་རིམ་ལྔ་པའི་སློབ་ཕྲུག་གཅིག་གིས་རྟགས་རིགས་གཞུང་ལས་མཐུན་ཕྱོགས་དང་མི་མཐུན་སྐོར་ལ་དཔྱད་པའི་རྩོམ་ཤོག་བརྗོད་གཞིར་བཟུང་སྟེ་བགྲོ་གླེང་དམ་བཅའ་གནང་བ་དང་། མཐོ་སློབ་བཤད་གྲྭའི་འཛིན་རིམ་གསུམ་པ་དང་དང་པོའི་སློབ་ཕྲུག་རྣམས་ཀྱིས་འདུལ་བ་མདོ་རྩ་དང་། སྡོམ་གསུམ་དཔག་བསམ་སྙེ་མའི་བཤད་རྒྱུགས་བཅས་གནང་སྟེ། དབྱར་གནས་ཀྱི་བགྲོ་གླེང་དང་བཤད་རྒྱུགས་ཀྱི་མཛད་རིམ་ཡོངས་སུ་ལེགས་པར་གྲུབ་པར་དགེའོ།

༈ རྒྱལ་བའི་གསུང་རབ་ཟབ་མོའི་དོན་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད་དེ། ངེས་ཤེས་གཏིང་ཟབ་མོ་དང་ལྡན་པའི་ཤེས་རབ་ཀྱི་པདྨོ་རྒྱས་པར་ལུ...
04/09/2026

༈ རྒྱལ་བའི་གསུང་རབ་ཟབ་མོའི་དོན་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད་དེ། ངེས་ཤེས་གཏིང་ཟབ་མོ་དང་ལྡན་པའི་ཤེས་རབ་ཀྱི་པདྨོ་རྒྱས་པར་ལུང་དང་རིགས་པའི་ལམ་ནས་རྒྱུད་ལ་ངེས་ཤེས་སྐྱེ་དགོས་ལ། དེའི་ཆེད་དུ་ལོ་ལྟར་དབྱར་གནས་ཀྱི་དུས་སུ་འཕགས་མཆོག་མཐོ་སློབ་བཤད་གྲྭའི་སློབ་གཉེར་བ་རྣམས་ཀྱིས་སྡེ་ཚན་ནང་ཕན་ཚུན་རྩོད་པ་འགྲན་སྡུར་གནང་བའི་ལས་རིམ་དེ། སྤྱི་ཚེས་༢/༩/༢༠༢༦ ཉིན་ཆོས་སྡེ་འདི་གའི་ཁྲི་འཛིན་མཁན་རིན་པོ་ཆེ་དབུས་པའི་མཁན་སློབ་འདུས་པ་རྒྱ་མཚོའི་དབུས་སུ་འགྲན་སྡུར་གནང་སྟེ་མཇུག་ལེགས་པར་གྲུབ་ཡོད།

Address

Phagchok Samdrupcholling Gonpa
Daifam

Alerts

Be the first to know and let us send you an email when Phagchok Samdrupcholling Gonpa posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Business

Send a message to Phagchok Samdrupcholling Gonpa:

Shortcuts

Share