Pilgrimage Sites of Bhutan -2 འབྲུག་ལུ་བྱིན་རླབས་ཅན་གྱི་གནས-༢་པ།

  • Home
  • Bhutan
  • Thimphu
  • Pilgrimage Sites of Bhutan -2 འབྲུག་ལུ་བྱིན་རླབས་ཅན་གྱི་གནས-༢་པ།
Directions Contact the business

Pilgrimage Sites of Bhutan -2 འབྲུག་ལུ་བྱིན་རླབས་ཅན་གྱི་གནས-༢་པ། Comprehensive Guide to the sacred places of Bhutan.

Birthplace of Drubthob Namgyal Lhundrupགྲུབ་ཐོབ་རྣམ་རྒྱལ་ལྷུན་གྲུབ་འཁྲུངས་སའི་ཁང་ཤུལ།1st Petsiling Tulku of Bumthang – R...
20/09/2026

Birthplace of Drubthob Namgyal Lhundrup
གྲུབ་ཐོབ་རྣམ་རྒྱལ་ལྷུན་གྲུབ་འཁྲུངས་སའི་ཁང་ཤུལ།

1st Petsiling Tulku of Bumthang – Rimtekha Village, Chapcha, Chhukha

Further up on the left side of the stone seats associated with Zhabdrung Ngawang Namgyal lie the remains of a once-large mud house. According to the oral account of Ap Pasang, this is believed to be the birthplace of Drubthob Namgyal Lhundrup, the First Petsiling Tulku of Bumthang.

Local tradition holds that, on the ground floor of this house, there was once a Latsho (སྭ་མཚོ་), or sacred lake, formed naturally by a water source emerging from the ground.

Although only the remains of the old structure can be seen today, the site continues to preserve an important connection to the life and spiritual heritage of Drubthob Namgyal Lhundrup and the local oral traditions of Rimtekha, Chapcha, Chhukha.

•གྲུབ་ཐོབ་རྣམ་རྒྱལ་ལྷུན་གྲུབ་འཁྲུངས་སའི་ཁང་ཤུལ།

ཆུ་ཁག་རྫོང་ཁག་སྐྱབས་ཆ་རིམ་ཏེ་ཁག་ལྷ་ཁང་གྱི་ གདོང་ཁར་ཞབས་དྲུང་གི་བཞུགས་ཁྲིའི་གཡོན་ཧོངས་ཡར་དེ་ཅིག་ཁར་ཨཔ་པ་སངས་གྱང་ཁྱིམ་རྩིག་ཤུལ་སྦོམ་ཅིག་ཡོད་མི་འདི་ཀྱིས་ ངག་རྒྱུན་བཤད་པའི་ནང་གསལ་ བུམ་ཐང་པད་ཚལ་གླིང་གི་སྤྲུལ་སྐུ་སྐུ་ཕྲེང་༡པ་གྲུབ་ཐོབ་རྣམ་རྒྱལ་ལྷུན་གྲུབ་སྐུ་འཁྲུངས་ས་འདི་ནང་ཨིན་ཟེར་བཤད་ནི་འདུག།

-PSOBhutanFB🇧🇹

Sacred Shakyadrak Place at Chhukha ཤཱཀྱ་བྲག།According to local religious history, there was a time when Wang Phajo, the ...
16/09/2026

Sacred Shakyadrak Place at Chhukha ཤཱཀྱ་བྲག།

According to local religious history, there was a time when Wang Phajo, the Eighteenth Desi, attempted to eliminate Gyalwa Shakya Rinchen, who later became the Ninth Je Khenpo.

Through the benevolence and protection of Je Ngawang Drukpa of Tsamdrak Gonpa, Gyalwa Shakya Rinchen was rescued from Chapcha prison and brought to Tsamdrak Gonpa. He was then kept hidden on the side of a crag facing Gurgon, after crossing Tendrela Mountain Pass, where he continued his daily spiritual practices and meditation.

Because of his name, Je Shakya Rinchen, the sacred crag eventually became known as Shakyadrak, also called Shakyaphu.

The sacred site is located at an elevation of approximately 2,750 metres above sea level. It can be reached by following a traditional horse track for about four hours on foot from Hebji, a settlement along the Thimphu–Phuentsholing highway in Chhukha.

• ཤཱཀྱ་བྲག།

ཤུལ་མ་རྗེ་མཁན་ཁྲི་རབས་ ༩ པ་མཛད་མི་རྒྱལ་བ་ཤཱཀྱ་རིན་ཆེན་ཡང་ སྡེ་སྲིད་༨ པ་ཝང་ཕ་ཇོ་གིས་མེདཔ་བཟོ་ནི་འི་དཔའ་བཅམ་ད་ རྗེ་ངག་དབང་འབྲུག་པའི་སྐུ་དྲིན་ལས་བརྟེན་རྒྱལ་བ་ཤཱཀྱ་རིན་ཆེན་འདི་ སྐྱབ་ཁྱ་བཙོན་ཁང་ནང་ལས་བཏོན་ཏེ་ མཚམས་བྲག་དགོན་པར་ གདན་འདྲེན་ཞུ་བའི་ཤུལ་ལུ་རྟེན་འབྲེལ་ལའི་རི་གཞོལ་ གུར་དགོན་གྱི་གདོང་ཁར་བྱག་གི་ལོགས་གསང་བཞག་སྦེ་ ཐུགས་དམ་གནང་བཅུག་ནི་འདི་ཤཱཀྱ་ཕུག་ཟེར་སླབ་སྲོལ་ཡོད་པའི་ར་ཁུངས་བཤདཔ་ཨིན་པས། གིས་ད་རེས་ནངས་པར་བྱག་གི་མིང་ཡང་ ཤཱཀྱ་བྲག་གམ་ མཚམས་བྲག་དགོན་པ་འདི་ཁར་འགྱོ་སའི་ལམ་ ཐིམ་ཕུག་ ལས་ཕུན་ཚོགས་གླིང་ལུ་འགྱོ་སའི་ སྣུམ་འཁོར་གཞུང་ལམ་གྱི ་ཆུ་ཁག་རྫོངཁ་ ས་གནས་ཧེབ་སྦྱིས་ཟེར་ས་ལུ་ལྷོདཔ་ད་ འདི་ཁ་ལས་ཡར་རྟ་ལམ་བདའ་སྟེ་ རྐང་སྟོང་སྦེ་དུས་ཡུན་ཆུ་ཚོད་ ༤ དེ་ཅིག་ འགྱོཝ་ད་ལྷོད་ཚུགས། ས་གནས་འདི་ རྒྱ་མཚོའི་ཁ་ལས་མཐོ་ ཚད་མི་ཊར་ ༢༧༥༠ ལུ་ཡོད།

- PSOBhutanFB🇧🇹

The Sacred Place of Ugyendra,Paro ཨོ་རྒྱན་བྲག་གི་གནས།Ugyendra, a sacred site in Paro, is believed to be a natural manife...
15/09/2026

The Sacred Place of Ugyendra,Paro
ཨོ་རྒྱན་བྲག་གི་གནས།

Ugyendra, a sacred site in Paro, is believed to be a natural manifestation of Heruka Vajrakilaya (Dorji Phurpa). The sacred place can be reached by approximately three hours of walking, beginning from a one-kilometre side road that leads uphill from the vicinity of Paro Airport.

According to local tradition, Ugyendra was once home to numerous monasteries, meditation centres, and retreat houses. However, many of these sacred structures were destroyed by a devastating forest fire.

The entrance to Ugyendra begins from the village located behind Bongde Market in Paro. Following the sacred sites uphill in sequence, the first important site is Kilkhorkha, where one can find a naturally formed mandala associated with Vajrakilaya. It is believed that meditating here upon the Yidam Dorji Phurpa (Vajrakilaya) provides particularly favourable conditions for spiritual accomplishment.

Continuing further uphill, visitors can see a large meditation cave dedicated to Vajravarahi, situated at the foot of the hill on the right side of Ugyendra.

Although the place is externally known as Ugyendra, it is traditionally believed that its inner nature is Zangtopelri, the pure Buddha-field of Guru Padmasambhava. The sacred landscape of Ugyendra is remarkable for its many naturally formed sacred signs and objects.

Among the sites associated with Guru Rinpoche are a stone slab where he is believed to have practised spiritual meditation, his sacred footprint, the natural formation representing the Dakini’s Yoni, a cliff naturally shaped like a stupa, and a water source believed to possess the blessing of longevity.

According to local belief, Ugyendra is also home to 108 meditation caves, making it a profound and spiritually significant pilgrimage site for practitioners and devotees.

Ugyendra therefore stands not only as a place of extraordinary natural beauty, but also as a sacred landscape where the blessings of Guru Padmasambhava, Vajrakilaya, Vajravarahi, and the enlightened masters are believed to remain deeply present.

•ཨོ་རྒྱན་བྲག་གི་གནས།

དཔལ་ཆེན་ཕུར་པའི་སྐུ་གཟུགས་རང་བཞིན་ཨིན་པའི་ཨོ་རྒྱན་བྲག་འདི་སྤ་རོ་གནམ་གྲུ་ཐང་གི་ཟུར་ཁ་ལས་ཡར་ སྣུམ་འཁོར་གསེབ་ལམ་ཀི་ ལོ་མི་ཊར་ ༡ ལྷགཔ་ཅིག་ཡོད། འདི་ལས་ཡར་རྐང་སྟོང་སྦེ་འགྱོ་བ་ ཅིན་ དུས་ཡུན་ཆུ་ཚོད་ ༣ ལུ་ ཨོ་རྒྱན་བྲག་ལུ་ལྷོདཔ་ཨིན། ཧེ་མ་ འདི་ཁར་ལྷ་ཁང་དང་སྒྲུབ་ཁང་ལེ་ཤ་ཡོད་རུང་ སྤང་མེ་གིས་མེདཔ་ བཏང་ཡི་ཟེར་སླབ་ཨིན་པས། ཨོ་རྒྱན་བྲག་གི་གནས་སྒོ་འདི་ སྤ་རོ་ འབངས་སྡེ་ཁྲོམ་རྒྱབ་ཁའི་གཡུས་ཚན་ལས་འགོ་བཙུགསཔ་ཨིན་པས། འདི་ལས་ཡར་གནས་ཚུ་རིམ་པ་བཞིན་དུ་མཇལ་སྦེ་འགྱོཝ་ད་ དཀྱིལ་ འཁོར་ཁ་ལུ་ལྷོདཔ་ཨིན། ས་གནས་འདི་ཁར་ཕུར་པ་རང་བྱོན་གྱི་ དཀྱིལ་འཁོར་ཡོདཔ་ལས་ ཡི་དམ་ཕུར་པ་བསྒྲུབ་པ་ཅིན་ གནས་ གཞན་ལས་འདི་ཁར་སྒྲུབ་ཐག་ཉེ་ཟེར་སླབ་ཨིན་པས།

འདི་ལས་ཡར་འགྱོཝ་ད་ ཨོ་རྒྱན་བྲག་གི་གཡས་ཧོངས་ཀྱི་རིའི་རྩ་བར་ རྡོ་རྗེ་ཕག་མོའི་སྒྲུབ་ཕུག་སྦོམ་ཅིག་མཇལ་ནི་ཡོད། ཕྱི་ལྟར་ཨོ་རྒྱན་བྲག་ ཟེར་སླབ་རུང་ ནང་ ལྟར་ཟངས་མདོག་དཔལ་རི་ཨིན་ཟེར་སླབ་སྲོལ་འདུག། ཨོ་རྒྱན་བྲག་གི་བཀོད་པ་འདི་ ག་ཅི་ལས་དཔྱད་བལྟ་རུང་ཡ་མཚན་ཆེ་ཏོག་ཏོ་འདུག། གནས་འདི་གུ་རུ་རིན་པོ་ཐུགས་དམ་ གནང་སའི་རྡོ་ལེབ། གུ་རུའི་ཞབས་ རྗེས། མཁའ་འགྲོའི་ཆོས་འབྱུང༌། བྱག་རང་བྱུང་གི་མཆོད་རྟེན། ཚེའི་སྒྲུབ་ཆུ་ཚུ་མཇལ་ནི་འདུག། སྒྲུབ་ཕུག་བརྒྱ་དང་རྩ་བརྒྱད་ཡོད་ཟེར་སླབ་ ཨིན་པས།

་ ཨོ་རྒྱན་བྲག་གི་གནས་བཤད་རག་བསྡུས་དད་པའི་ས་བོན།

ཨོཾ་ཨཱཿ་ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།། ཆོས་སྐུ་སྐྱེ་མེད་ཐམས་ཅད་ནམ་ མཁའ་འདྲ། །ལོངས་སྐུ་ཐམས་ཅད་ཉི་ཟླའི་འོད་ལྟར་གསལ། །སྣ་ ཚོགས་སྤྲུལ་སྐུ་སྐར་ཚོགས་ཇི་བཞིན་དུ། །སྲིད་གསུམ་འགྲོ་འདྲེན་བླ་མ་ ཐམས་ཅད་མཁྱེན། །གཞན་ཕན་མཐའ་ཡས་ནུས་པའི་གནས་བྱིན་ རླབས། །ཡི་དམ་ཐམས་ཅད་དངོས་གྲུབ་རྒྱ་མཚོར་འཁྱིལ། །མཁའ་ འགྲོ་ཐམས་ཅད་བྱིན་རླབས་སྤྲིན་ལྟར་བཏིབས། །ཆོས་སྐྱོང་ཐམས་ཅད་ ཕྲིན་ལས་གློག་ལྟར་འཁྱུག །བསམ་ཀུན་མྱུར་སྒྲུབ་རྣམས་ལ་ལྷ་ཕྱག་ འཚལ། །གནོད་འཚེ་ཀུན་ཞི་འདོད་དོན་ཆར་བེབས་གསོལ། །ཞེས་ དང༌། མི་འགྱུར་བདེ་བའི་ཡེ་ཤེས་ཆེ། །སྲིད་ཞིའི་རྣམ་པ་ཐམས་ཅད་ པར། །འཆར་བའི་སྒྱུ་འཕྲུལ་གར་བརྒྱ་པ། །གདོད་མའི་མགོན་དེས་ ཤིས་གྱུར་ཅིག །ཀུན་སྤྱོད་ལས། གང་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད།། གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་དང༌། ང་ལས་ འགྲོ་བ་ཐམས་ཅད་འབྱུང༌། །ང་ལས་གནས་གསུམ་པོ་ཡང་འབྱུང༌། །ང་ ཡིས་འདི་ཀུན་འབྱུང་བ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌།། ཞེས་དགྱེས་རྡོར་ནས་གསུངས་པ་བཞིན་ལགས། དེ་ལྟ་བུའི་ཚུལ་གླེང་ བ་ལ་སྐབས་འདིར། འཕགས་པ་ཕྱག་ན་པདྨོའི་གདུལ་ཞིང་ཁ་བ་ཅན་གྱི་ ལྷོ་ཕྱོགས་ ཙནྡན་ནགས་ཀྱི་ལྗོངས་བཅོམ་ལྡན་འདས་མིག་འཛུམ་པ་ བདུད་ཀྱི་སྡེ་ཐམས་ཅད་འཇོམས་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ། དཔལ་ ངག་གི་དབང་ཕྱུག་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བས་ཡོངས་ ཡོད། །ཁསུ་བཟུང་བའི་ཞིང་ཁམས་ཆེན་པོ་དེ་ལ། ཐེད་ཐིམ་སྤ་གྲོ་ཞེས་གསུམ་དུ་གྲགས་སྲོལ་ཡོད་པའི་སྤ་གྲོའི་ས་ཁོངས་ནི་བསིལ་ལྡན་གྱི་ལྗོངས་ནས་ འཕགས་ཡུལ་གྱི་ནོར་འཛིན་མའི་གཞིར་ཐུགས་ལ་རྒྱུན་མ་ཆད་པར་ སྦྲེལ་བའི་ས་འཛིན་མངོན་པར་མཐོ་བ་འབྲས་ལ་བསམ་གཏན་ཆོས་ འཁོར་ཞེས་སྟོད་ན་ངག་དབང་ཆོས་ཀྱི་རྒྱལ་པོའི་གདན་ས་དང༌། ལྷོ་ངོས་ཀྱི་སྨད་ན་མཚུངས་མེད་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྗེས་ཐུགས་དམ་ གྱི་རྟོགས་པ་འཁྲུངས་པའི་གདན་ས་ སྣང་གྲགས་རྣམས་ཆོས་སྐུར་ པའི་ཉེ་འདབས་ཨོ་རྒྱན་གུ་རུ་རིན་པོ་ཆེའི་གནས་མཆོག་ ཨོ་རྒྱན་བྲག་ ཞེས་བྱ་བའི་གནས་བཤད་རག་ཙམ་ཞུ་བར་བྱ་བ་ལ་ཀྱཻ༑ ད་ཡང་གསོན་ཅིག་འདིར་འཛོམས་ལྷ་མི་ཀུན། །སྟོང་གསུམ་ཡང་སྙིང་ལྷོ་རྒྱལ་ འཛམ་བུའི་གླིང༌། །འཛམ་གླིང་སྲོག་ཁ་སྲིད་པ་ཡུལ་གྱི་དབུས། །ས་ཡི་ ལྟེ་བ་རྒྱ་གར་རྡོ་རྗེ་གདན། །སྟོན་པའི་བཞུགས་གནས་བྱ་རྒོད་ཕུང་པོའི་ རི། །བསྟན་པ་དར་བ་བོད་ཡུལ་ཟལ་མོ་སྒང༌། །བྲིས་ཀློག་དར་བ་ཁ་ བཞི་ལྷོ་མོན་ཡུལ། །ཁྱད་པར་འཕགས་པ་སྤ་གྲོ་སྨན་གྱི་ལྗོངས། །དགེ་ བཅུ་འཛོམས་པ་ཝང་དང་སྤ་གྲོའི་དབར། །གནས་མཆོག་ཁྱད་འཕགས་ ཨོ་རྒྱན་བྲག་ཞེས་པ། །གཙང་ནས་འབུར་འདོན་བསིལ་དྲོད་ལྡན་པ་ འདི། །ཡར་བལྟས་ལྷ་ཡི་ཡུལ་ནས་བབས་པ་འདྲ། །ལྷ་ཡུལ་འདྲ་སྟེ་ ལོངས་སྤྱོད་ཕུན་སུམ་ཚོགས། །མར་བལྟས་ཀླུ་ཡི་ཡུལ་ནས་འཁྲུངས་པ་ འདྲ། །ཀླུ་ཡུལ་འདྲ་སྟེ་ཁྲུས་དང་གཙང་སྦྲ་ཆེ། །དེ་འདྲའི་གནས་ཆེན་ ཁྱད་པར་འཕགས་པ་འདི། །ཕྱི་ལྟར་ཟངས་མདོག་དཔལ་གྱི་རི་བོ་འདྲ།། ནང་ལྟར་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཡིན། །གསང་བ་བདེ་བ་ཅན་ གྱི་ཞིང་ཁམས་མཚུངས། །བདེ་བ་ཅན་དང་རི་བོ་པོ་ཏ་ལ། །ཟངས་མདོག་དཔལ་གྱི་རི་བོ་ཨོ་རྒྱན་བྲག །གནས་ཆེན་གཞན་དུ་བསྙེན་པ་འབུམ་བསྒྲུབས་པས། །གནས་འདིར་བརྒྱ་བསྐོར་བསྒྲུབ་པས་སྒྲུབ་ཐག་ཉེ། །གཡས་ན་རྡོ་རྗེ་གཞོན་ནུའི་སྒྲུབ་ཕུག་ཡོད། །ཡི་དམ་ཕུར་སྒྲུབ་མཆོག་གི་དངོས་གྲུབ་ཐོབ། །གཡོན་ན་རྡོ་རང་རྣམ་རྒྱལ་མཆོད་རྟེན་ ཡོད། །འགྲོ་འགྲུལ་བསྐོར་བས་ལས་ཉོན་སྡིག་སྒྲིབ་དག།

ཅེས་པས་གནས་བཤད་མདོར་བསྡུས་ཚུལ་ཙམ་བྱུང་བ་མ་གཏོགས།སྔོན་དུས་གནས་ཡིག་དང་རྣམ་ཐར་སོགས་མེས་འཇིག་པ་དང་ གཞུང་བཞེས་མཛད་པ་ལ་བརྟེན།ད་ལམ་གཟུགས་བརྙན་ཙམ་དུ་དངོས་སུ་གནས་བཤད་དང༌། རྣམ་ཐར་རེ་གཉིས་ཙམ་རྒན་པའི་ཁ་གཏམ་ལོ་རྒྱུས་ རྣམས་བསྡུས་ཏེ་སླར་ཡང་རགས་ཙམ་ཞུ་བར་བྱ་བ་ལ། ཨོ་རྒྱན་བྲག་དེ་ ཙཱ་རི་གནས་གཉིས་པ་དང་མཚུངས་པར་ངོ་བོ་ཟངས་མདོག་དཔལ་རི་ ཡིན་པ་ལ་རྣམ་པ་དཔལ་ཆེན་རྡོ་རྗེ་གཞོན་ནུ་རང་བྱུང༌། བྲག་རི་འདིའི་ རྗེའི རྩེ་སྐོར་དང་ བར་སྐོར་ རོང་སྐོར་བཅས་བསྐོར་བ་་རྒྱབ་སའི་མཐའ་ འཁོར་དུ་སྒྲུབ་ཕུག་མང་རབས་དང་ མདུན་དུ་བྲག་གི་སྐེད་པར་དེང་ སང་མཚམས་ཁང་ཞིག་ལས་མིན་འདུག། རྩེ་སྐོར་བར་སྐོར་ལ་སྨན་སྣ་ དང་སྤོས་སྣ་ཅི་རིགས་སྣ་ཚོགས་ ཙཱ་རི་སྨྱུག་མ་བཅས་ཡོད་ལུགས་ བཤད། དངོས་སུ་མཇལ་ན་རབ་ཀྱིས་ཞིང་ཁམས་དང་ལྷ་སྐུ། འབྲིང་ གིས་གཟུགས་བརྙན་ཙམ། ཐ་མས་ཀྱང་ས་རྡོ་རི་བྲག་གི་རྣམ་པ་ཡིན། ལས་ཉོན་སྡིག་སྒྲིབ་དག་པ་ནི། ཇི་སྐད་མཆོད་རྟེན་བསྐོར་བའི་ཕན་ཡོན་ ལས༌། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་ སེམས་ཀྱིས་གོམ་པ་གསུམ་བོར་ན། །འཛམ་བུ་ཆུ་ཀླུང་གསེར་གྱི་སྲང་ ཚད་ཀྱང༌། །སྟོང་ཕྲག་བརྒྱ་ཡང་འདི་ཡི་ཆར་མི་ཕོད། །ཅེས་དང༌། མཆོད་རྟེན་བསྐོར་བ་བྱས་པ་ནི། །འཛམ་བུ་གླིང་གི་མངའ་བདག་རྗེ།། ས་རི་མཐའ་དག་དབང་བྱེད་པ། །ཆོས་དང་ལྡན་པའི་རྒྱལ་པོར་གྱུར།། ཅེས་དང༌། མཆོད་རྟེན་བསྐོར་བ་བྱེད་པ་ན། །ཕྱུག་ཅིང་ནོར་ཡང་མང་ བར་གྱུར། །ཅེས་གསུངས་པ་ལྟར་བྱིན་རླབས་ཆེ་ཆུང་རང་གི་སེམས་ལ་བསྡུ་བ་ཡིན།

ཨོ་རྒྱན་བྲག་དེའི་གཡས་སུ་རྡོ་རྗེ་གཞོན་ནུའི་སྒྲུབ་ཕུག་དང་གཡོན་དུ་ རྣམ་རྒྱལ་མཆོད་རྟེན་རང་བྱོན་གྱི་གནས་མཆོག་ ཁྱད་པར་ཅན་ཡིན་འདུག། གནས་མཆོག་འདིའི་ ཡ་གྱལ་དུ་གྱུར་པ། གཡས་ཕྱོགས་ནས་མར་ཧོན་ ཤིང་བྲག་གི་གནས་དང་སྦྲུལ་མགོ་ལོག་གི་གནས་ ཡ་མཚན་ཅན་དང༌། གཡོན་ཕྱོགས་ནས་མར་སྐུ་ གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་རྣམས་ ནི། སྔོན་ཚེ་སྐལ་བཟང་ཨོ་རྒྱན་དུས། །མནྡྷ་ར་ བས་རྨ་བྱར་སྤྲུལ། །རྡོ་ལ་བྱ་རྗེས་བཞག་པ་ལ། །རྨ་བྱ་སྒང་ཞེས་དེ་ནས་བྱུང༌། །དེ་ཚེ་རང་བྱུང་རྡོ་ རྗེའི་སྐུ། །གནས་འདིར་འོད་ཟེར་སྣ་ལྔ་འཕྲོས། །སྐུ་ཡི་འོད་ཟེར་བྲག་དཀར་ཡིན། །གསུང་གི་འོད་ཟེར་ཐུགས་རྗེ་བྲག །ཐུགས་ཀྱི་འོད་ཟེར་རྡོ་མཆོད་རྟེན། །ཡོན་ཏན་འོད་ཟེར་རྡོ་མེ་ལོང༌། །ཕྲིན་ལས་འོད་ཟེར་ ཤིང་གཉིས་འཁྲུངས། །ཞེས་པ་ལྟར་འདི་འདྲ་བའི་གནས་མཆོག་ངོ་ མཚར་ཅན་ཞིག་ཡིན་འདུག། ཨོ་རྒྱན་བྲག་གི་གནས་བདག་སེམས་ཅན་ སྟག་ཞིག་ནམ་རྒྱུན་དུས་བཟང་གི་སྐབས་ལ་མཚམས་ཁང་གི་མཐའ་སྐོར་མཚམས་མཚམས་ངར་སྐད་སྒྲོགས་ཤིང༌། མཚམས་མཚམས་རྐང་ རྗེས་རེ་བཞག་པ་མཐོང་གི་ཡོད་ཟེར། མ་གཞི་རིན་ཆེན་གཏེར་གྱི་བདག་ པོ་དམ་ཅན་རྡོ་རྗེ་ལེགས་པ་ཡིན་འདུག་གོ །གནས་ཡིག་འདི་ཉིད་སྲུང་འཁོར་པ་ཡོན་ཏན་ཡེ་ཤེས་ཀྱིས་ཕྱོགས་བསྒྲིགས་བགྱིས་པའོ།། །།

-PSOBhutanFB🇧🇹

སྤ་རོ་སྟག་ཚང་ཤར་མའི་ལྷ་ཁང་།Sacred Places Around Shama Lhakhang and Drolayphug, TaktshangIf you descend for about forty m...
12/09/2026

སྤ་རོ་སྟག་ཚང་ཤར་མའི་ལྷ་ཁང་།
Sacred Places Around Shama Lhakhang and Drolayphug, Taktshang

If you descend for about forty minutes through the ravine from Ugyentsemo, you will reach Shama Lhakhang, also known as Drolayphug. The temple was built in the middle of a cliff to counteract the malevolent influence of male and female oath-breaking demons.

On a black natural rock to the left of the path leading to the temple, one can see the naturally formed image of a wish-fulfilling tree with five hundred branches growing from a single trunk. Further along is Thratsahphug, situated on the side of a cliff where the skins of the cannibal demons are said to have been spread.

Below the cliff, to the right of the path, there is a naturally formed image of Amitayus (Tshepame), the Buddha of Long Life, said to be about the size of a monkey’s handspan.

As you continue descending, you will come across a veiled conch (Dungkhar). Below the path lies a cavern known as Chogyalphug. It is believed that fortunate visitors may see visions of the dances performed during the Paro Tshechu inside this cavern.

Further along, one can see the forms of a lute, the footprint of Khandro Yeshe Tshogyal, and a necklace associated with Guru Rinpoche, all naturally appearing on a rock.

If you climb a little upward from the Kadam Stupa, you can see a naturally formed skull on the side of the cliff. This sacred site is known as Kapaliphug, or the Skull Cave.

There is also a meditation cave associated with Khandro Dorji Phagmo (Vajravarahi), together with a stone vessel said to have been used for sacred feasting. In front of the meditation cave is a place from which visitors can collect earth. According to local belief, this sacred soil is an antidote for influenza and is also suitable for preparing relic pills associated with the Secret Mantra tradition.

Other naturally formed sacred images found in the area include the Secret Vajra (Sangdor) of Dorji Drolo, the face and eye of Guru Dorji Drolo, the left eye of Guru Rinpoche, and the collar of the sacred site.

There is a saying that if someone visits all the sacred places of Taktshang but fails to visit Shama Lhakhang or Drolayphug, it is like wearing a garment without a collar it remains incomplete.

At Shama Lhakhang, one can also see a two-storey temple built by Kathog Rigdzin Tulku Sonam Gyeltshen, a master who upheld the religious tradition of the Gyalwa Kathogpa. Later, after Zhabdrung Rinpoche came to Bhutan, the temple was taken under the care of the government of Bhutan.

From the right side of the temple, one can clearly see a naturally formed image resembling the left eye of Guru Dorji Drolo, together with his upper and lower lips and the Stupa of Complete Victory (Namgyal Chorten).

From the temple, one can also see naturally formed images resembling the lungs of the cannibal demon, with his heart visible further below. According to tradition, these were removed from the demon when he was subdued.

If one walks a short distance along the path above the Veiled Conch, which leads toward Paro, one can see Yoselphug.

The biography of Drubthob Jinpa Gyeltshen also mentions a naturally arisen mythical wish-fulfilling jewel (Norbu Barwa) and the footprint of the Drubthob at a place called Tandinphug, near Shama. However, these sacred objects can no longer be located today.

Finally, it is said that if one circumambulates from the right side of Phalphug and exits through Shama, one accumulates the merit equivalent to circumambulating the Second Tsari, or the Zangtopelri of Ugyen Guru Rinpoche in the heavenly realm of Tush*ta.

Shama Lhakhang and the surrounding caves, cliffs, natural formations, and meditation sites therefore form an important part of the sacred landscape of Taktshang, preserving a rich tradition of Guru Rinpoche’s manifestations, sacred signs, meditation practices, and local spiritual heritage.

•སྤ་རོ་སྟག་ཚང་ཤར་མའི་ལྷ་ཁང་།

ཨོན་རྒྱེན་རྩེ་མོ་ལས་ལུང་གཤོང་བདའ་སྟེ་ཁ་མར་ལྟ་འབབ་འགྱོ་བ་ཅིན་དུས་ཡུན་སྐར་མ་ ༤༠ དེ་ཅིག་ལུ་ཤར་མའི་ལྷ་ཁང་ལུ་ལྷོདཔ་ཨིན། བྱེད་གི་སྐེད་པར་ལྷ་ཁང་བཞེངས་མི་འདི་ དམ་སྲི་ཕོ་མོ་བཏུལ་ནིའི་ཁ་གནོན་ལུ་བཞེངས་བཞེངསམ་ཨིན་ཟེར་བཤདཔ་ཨིན་པས། དེ་ལས་མར་འགྱོཝ་ད དུང་དཀར་སོབ་ཤུབ་ཅནམ། ལམ་གྱི་འོག་ལུ་ཆོས་རྒྱལ་ཕུག་ཡོད། དེ་ནང་སྐལ་ལྡན་གྱི་སྐྱེས་བུ་ཚུ་གིས་ སྤ་རོ་ཚེས་བཅུ་གི་འཆམ་མཇལ་ཚུགས་ཟེར་བཤདཔ་ཨིན་པས། འདི་ཁ་ལས་ཕར་འགྱོཝ་ད་ རྡོའི་ལོགས་ལུ་སྒྲ་སྙན། ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། དེ་ལས་བཀའ་གདམས་མཆོད་རྟེན་གྱི་ལྟག་ལས་ཡར་དུམ་གྲ་ཅིག་འགྱོ་བ་ཅིན་ཀ་པཱ་ལི་ཕུག་ཟེར་བྱག་གི་ལོགས་ལུ་ཐོདཔ་རང་བྱོན་མཇལ་ཚུགས།

རྡོ་རྗེ་ཕག་མོའི་སྒྲུབ་ཕུག་དང་གསོལ་བཞེས་སའི་རྡོ་གཞོང་། སྒྲུབ་ཕུག་གི་སྒོ་ཁ་ལས་ས་ཨོག་ནི་ཡོད། འདི་གིས་ཚད་རིམས་ལུ་ཕན་ནི་དང་གསང་སྔགས་རིལ་བུ་བཟོཝ་ད་གཏའ་བཏུབ་ཟེར་བཤདཔ་ཨིན་པས། རྡོ་རྗེ་གྲོ་ལོད་ཀྱི་གསང་རྡོར། གྲོ་ལོད་ཀྱི་ཞལ་དང་སྤྱན། གུ་རུའི་སྤྱན་གཡོན་པ། གནས་ཀྱི་ལྡེ་མིག། གནས་ཀྱི་གོང་ཡོད། སྟག་ཚང་གི་གནས་གཞན་འདི་ཚུ་མཇལ་ཞིནམ་ལས་ ཤར་མ་འདི་མ་མཇལ་བ་ཅིན་ གོང་མེད་པའི་གོ་བཟུམ་ཅིག་ཨིན་ཟེར་བཤདཔ་ཨིན་པས།

དེ་ཁར་ལྷ་ཁང་ཐོག་ཚད་གཉིསམ་ཅིག་མཇལ་ནི་ཡོད། ལྷ་ཁངའདི་ ཧེ་མ་ ཀ་ཐོག་རིག་འཛིན་ཆེན་པོ་སྤྲུལ་སྐུ་བསོད་ནམས་རྒྱལ་མཚན་གྱིས་བཞེངས་ཏེ་ རྒྱལ་བ་ཀ་ཐོག་པའི་ཆོས་ལུགས་སྤེལ་ཡོདཔ་ཨིན་མས། ཤུལ་མ་ཞབས་དྲུང་རིན་པོ་ཆེའི་ཕྱག་ལུ་ཚུད་ཞིནམ་ལས་ཚུར་ འབྲུག་གཞུང་གིས་བདག་འཛིན་འཐབ་གནང་སྟེ་ཡོདཔ་ཨིན།

ལྷ་ཁང་འདི་གཡས་ཧོངས་ལས་ཕར་ལྟ་བ་ཅིན་བྱག་རང་བྱུང་གུ་རྡོ་རྗེ་གྲོ་ལོག་ཀྱི་སྤྱན་གཡོན་པ་དང་ ཞལ་གྱི་ཡ་མཆུ་དང་ མ་མཆུ་རྣམ་རྒྱལ་མཆོད་རྟེན་ཚུ་སྦོ་ལོགས་ཁར་འབད མཇལ་ཚུགས། ལྷ་ཁང་འདི་ཁ་ལས་ཕར་བལྟཝ་ད་སྲིན་མོ་དམ་ལུ་བཏགས་ཞིན་ན་ གློ་བ་བཏོན་བཞག་བཞགཔ་དང་ འདི་གི་འོག་ལུ་དོན་ཧིང་བཏོན་བཞག་ མི་ཚུ་མཐོང་ནི་ཡོད།

དུང་དཀར་སོབ་ཤུབ་ཅནམ་གི་ལྟག་ལས་ཕར་ སྤ་རོ་ལུ་འགྱོ་སའི་ལམ་བདའ་སྟེ་ཨ་ཙི་ཅིག་འགྱོཝ་ད་ འོད་གསལ་ཕུག་མཇལ་ནི་འདུག། གྲུབ་ཐོབ་ཆེན་པོ་སྦྱིན་པ་རྒྱལ་མཚན་གྱི་རྣམ་ཐར་ནང་འབད་བ་ཅིན་ཤར་མ་གི་སྦོ་ལོགས་ཁར་ རྟ་མགྲིན་ཕུག་ཟེར་སར་ ནོར་བུ་འབར་བ་རང་བྱོན་དང་གྲུབ་ཐོབ་འདི་གི་ཞབས་རྗེས་ཚུ་ཡོད་ཁུངས་གསལ་རུང་ད་རེས་ནངས་པར་ངོ་སྦྲགས་ཚུགས་མི་མིན་འདུག།

དཔལ་ཕུག་ལས་གཡས་བསྐོར་རྐྱབ་སྟེ་ཤལ་མ ལས་མར་ཐོན་འགྱོ་བ་ཅིན་ ཙཱ་རི་གཉིས་པ་བསྐོར་བའི་ཕན་ཡོན་ཡོད་ཟེར་བཤདཔ་ཨིན་པས།

-PSOBhutanFB🇧🇹

The Stone Walls of Drubthob Thangtong Gyalpo’s Practice House Above Damchu གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ སྒྲུབ་ཁང་གི་རྩིག་...
08/09/2026

The Stone Walls of Drubthob Thangtong Gyalpo’s Practice House Above Damchu གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ སྒྲུབ་ཁང་གི་རྩིག་ཤུལ།

Located above the Damchu highway are the remains believed to be the practice house of the great Bhutanese yogi and master, Drubthob Thangtong Gyalpo.

After walking for approximately fifteen minutes through the bushes from the asphalt road at Damchu, one reaches a secluded site at the edge of a slope beneath a towering cliff. Here, several ruined stone walls can still be seen, standing silently as traces of an ancient sacred place.

According to the oral accounts of Lopen Thinley, these stone ruins are believed to be the remains of the practice house of Drubthob Thangtong Gyalpo. It is said that near the edge of the cliff, where the ruined stone walls connect with a meditation cave, there were once sacred images resembling a wish-granting cow and a wish-fulfilling tree. Unfortunately, these images are now extremely difficult to locate.

Below and to the left side of the ruined stone walls, there is also a trace of what appears to have once been a freshwater pool.

Although the site has largely been reclaimed by nature and little remains of its original structure, the ruined walls continue to preserve the oral history and spiritual connection of this secluded place with Drubthob Thangtong Gyalpo and his sacred practice.

•སྒྲུབ་ཁང་གི་རྩིག་ཤུལ།

རྩི་ནག་བཏང་སྟེ་ཡོད་པའི་ འདམ་ཆུ་ཐང་གི་ལྟག་ལས་ཡར་ཚལ་མ་ནང་ལས་བརྒྱུད་དེ་ དུས་ཡུན་སྐར་མ་༡༥དེ་ཅིག་འགྱོཝ་ད་ གད་པའི་ལོགས་བྱག་གི་རྩ་བར་ ཁྱིམ་གྱི་རྩིག་ཤུལ་ཡོད་མི་འདི་ཁར་ལྷོདཔ་ཨིན་པས།

རྩིག་ཤུལ་འདི་ སློབ་དཔོན་ཕྲིན་ལས་ཀྱིས་ངག་རྒྱུན་བཤད་ པའི་ནང་གསལ་ ཧེ་མ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ སྒྲུབ་ཁང་ གི་རྩིག་ཤུལ་ཨིན་ཟེར་བཤད་ནི་འདུག། སྒྲུབ་ཕུག་དང་གཅིག་ ཁར་སྦྱེལ་ཏེ་ སྒྲུབ་ཁང་གི་རྩིག་ཤུལ་ཡོད་པའི་བྱག་གི་ལོགས་ ལུ་ འདོད་འཇོའི་བ་དང་དཔག་བསམ་ལྗོན་ཤིང་གི་པར་ཡོད་ ཟེར་སླབ་སྲོལ་རུང་ད་རེས་འདི་ཁར་ཨིན་ཟེར་ངོ་སྦྲགས་མི་ ཚུགས་པས། སྒྲུབ་ཁང་རྩིག་ཤུལ་གྱི་གཡོན་ཧོངས་ལུ་ མར་དེ་ཅིག་ཁར་ཆུའི་རྫིངཤུལ་ཡོད་རུང་ ཆུ་འདི་བསྐམས་སོ་ནུག།

-PSOBhutanFB🇧🇹

Thadrak Gonpa Above Chapcha Village མཐའ་བྲག་དགོན་པ།Perched dramatically on the side of a precipitous cliff above Chapcha...
06/09/2026

Thadrak Gonpa Above Chapcha Village
མཐའ་བྲག་དགོན་པ།

Perched dramatically on the side of a precipitous cliff above Chapcha Village stands the sacred Thadrak Gonpa, a temple believed to have been built by the great Drupthob Thangtong Gyalpo during the fourteenth century, corresponding to the seventh or eighth Rabjung cycle.

According to local tradition, Drupthob Thangtong Gyalpo foresaw that, in the future, a powerful Tsan demon would establish its dwelling on this imposing rocky cliff and bring harm and misfortune to human beings. To subdue and prevent the danger posed by this malevolent spirit, he constructed Thadrak Gonpa at this sacred site.

It is said that a distinctive rock situated in the middle of the cliff represents a Sada spirit, while another rock above it, naturally resembling a Garuda bird, serves as its counterforce and protector against negative forces.

Further evidence of the sacred connection between Thadrak Gonpa and Drupthob Thangtong Gyalpo can be found in the biography of Tsang Khenchen Palden Gyatsho, confirming that the site was blessed by the great master himself. This makes Thadrak Gonpa a place of sacred importance and spiritual significance.

Those wishing to learn more about the history and sacred connection of this remarkable site may refer to the final section of the biography of Tsang Khenchen Palden Gyatsho.

•མཐའ་བྲག་དགོན་པ།

བྱག་གཡང་ཟ་སི་སི་གི་སྐེད་པར་ཆགས་ཏེ་ཡོད་པའི་བྲག་དགོན་པའི་ལྷ་ཁང་འདི་ དུས་རབས་ ༡༤ པའམ་རབ་བྱུང་ ༧/༨ པའི་ནང་ལུ་ གྲུབ་ཐོབ་ཐང་སྟོང་རྒྱལ་པོ་གིས་ བྲག་རི་བརྗིད་ཆགས་པའི་ས་གནས་འདི་ཁར་ མ་འོངས་པ་ན་ བཙན་བདུད་ཀྱི་གནས་ཁང་ཆགས་ཏེ་ སེམས་ཅན་ཚུ་གི་ ཚེ་སྲོག་ལུ་གནོད་ཉེན་འབྱུངམ་མཁྱེན་ཏེ་ གནོད་པ་འདི་ཟློག་ཐབས་ལུ་བཞེངས་གནང་གནངམ་ཨིན་ཟེར་བཤདཔ་ཨིན་པས། བྱག་གི་སྐེད་པར་རྡོ་སྦུལ་གྱི་མགུ་ཏོའི་རྣམ་པ་སྦེ་ཡོད་མི་ འདི་ ས་བདག་ཨིན་པའི་ར་ཁུངས་དང་ བྱག་གི་མགུ་བྱ་ཁྱུང་གི་རྣམ་པ་ཡོད་མི་འདི་ ས་བདག་གི་ཁ་གནོན་ཨིན་ཟེར་བཤད་ནི་འདུག།

མཐའ་བྲག་འདི་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བྱིན་གྱིས་ནི་བརླབས་གནང་ཡོད་པའི་ར་ཁུངས་ཡང་། གཙང་མཁན་དཔལ་ལྡན་རྒྱ་མཚོའི་རྣམ་ཐར་ལས། རྒྱ་གར་གྱི་ཡུལ་དུ་ཡང་ཀཻ་ལ་ཤའི་མདངས་ཀྱིས་མཛེས་པར་སྣང་བ་ཞེས་བྱ་བའི་རི་སུལ་སྐྱབ་ཁྲ་རིན་ཐང་གི་ཤར་ཕྱོགས་མཐའ་བྲག་ཅེས་བྱ་བར་གནས་མལ་ཟའ་ཤིང་དྲུང་ཅོག་བུ་ལ་བརྟེན་ནས་འདུག་ཅིང་། སྔོན་གྲུབ་ཐོབ་རབ་ཐང་སྟོང་རྒྱལ་པོ་བཞུགས་ཤིང་བྱིན་གྱིས་བརླབས་པའི་མཚན་གེས་མ་རྨིས། གཞི་བདག་བདུད་བཙན་དྲག་པོ་ཞིག་གནས་པས་པ་པ་ཀྱང་འགོ་ཞིང་སྟོང་གྲོགས་ཞི་བ་བདེ་ལེགས་སུ་བྱས།

དེར་རི་ནྡྲ་གི་ཆད་ཀྱི་རྦབ་ཉེན་ཆེ་བར་འདུག་ཀྱང་དབྱར་གྱི་དུས་རྡོ་རྦབ་ཆེན་པོ་ཡང་ཡང་འོངས་པ་སྤོང་བའི་གནས་མལ་ཤིང་ཚང་ཚིང་གིས་ བསྐོར་བའི་དྲུང་དུ་ཉེ་བ་ན་སེམས་ཡོད་པ་བཞིན་བྱོལ་ཏེ་ཅུང་ བའི་འཕྲལ་དུ་དགའ་བ་མཚན་ཉིད་དང། འགྲོགས་པའི་བག་ཆགས་བསམ། ཟད་ཀྱང་གནོད་པར་མ་ནུས་པ་ལ་བསམ་བཞིན་ངོ་མཚར་སྙམ་ མོ། །འགྲོན་པོ་མེ་ཏོག་གསར་པའི་ངང་ཚུལ་བཞིན། །མཐོང་ འགྲིགས་པའང་གཉེན། །ཟེར་བ་ལ་སོགས་པ་བཀོད་གནང་ །སྐྱེ་བོ་གཞན་དུ་ །འཇིག་རྟེན་དག་ན་མ་ ཡོདཔ་ལས་ ཡིད་ཆེས་པའི་གནས་ཁྱད་པར་ཅན་ཅིག་ཨིན་ མས། འདི་གི་སྐོར་ལས་ལོ་རྒྱུས་རྒྱས་པར་མཁྱེན་འདོད་ཡོད་པ་ ཅིན་ གཙང་མཁན་ཆེན་གྱི་རྣམ་ཐར་སྨད་ཆ་འདི་གཟིགས།

-PSOBhutanFB🇧🇹

Sacred Body Imprint of Guru Rinpoche at Wangdue  དགོན་གསར་ཁའི་གུ་རུའི་སྐུ་རྗེས།After a pleasant fifteen-minute walk from...
04/09/2026

Sacred Body Imprint of Guru Rinpoche at Wangdue དགོན་གསར་ཁའི་གུ་རུའི་སྐུ་རྗེས།

After a pleasant fifteen-minute walk from Damchoethang, one arrives at the lower end of Goensarkha Village under Kazhi Gewog in Wangdue Phodrang. As mentioned in the Neyig (sacred guide), on the side of a crag at the edge of a field lies a remarkable and sacred body imprint believed to have been left by Guru Rinpoche, Guru Padmasambhava.

According to local belief, Guru Rinpoche manifested this miraculous imprint through his spiritual powers while resting at the site. Today, it remains a sacred object of devotion and worship for fortunate pilgrims and devotees who visit this holy place.

Ap Rikey recounts that although the sacred body imprint is located openly on the side of a crag, continuously exposed to sun, rain, and the changing elements of nature, it has remained remarkably intact. From the time of his forefathers until the present generation, there has been no noticeable fading or damage to this extraordinary sacred imprint, making it an even more spectacular and miraculous sight.

Furthermore, it is believed that the appearance of the sacred imprint differs according to one’s faith, aspiration, and spiritual conviction. Some devotees perceive it as the image of Guru Padmasambhava, while others see the manifestation of Guru Tshokey Dorje.

Through the initiative and devotion of Ap Rikey and the local community, an annual Tshogkhor (feast gathering and offering ceremony) is performed in front of the sacred body imprint on the tenth day of the second month of the Bhutanese Lunar Calendar.

There are also aspirations to construct a small two-storied temple at the sacred site, with the upper floor housing and protecting the precious body imprint. The community further hopes to establish an annual religious practice and feast gathering on the auspicious tenth day of the Monkey Month (Sprel Zla), ensuring that this sacred heritage and spiritual tradition will be preserved and passed on to future generations.

The magnificent body imprint of Guru Rinpoche at Goensarkha stands not only as a sacred testament to the miraculous activities of Guru Padmasambhava but also as an enduring symbol of faith, devotion, and Bhutan’s rich spiritual heritage.

• དགོན་གསར་ཁའི་གུ་རུའི་སྐུ་རྗེས།

དམ་ཆོས་ཐང་ལས་ཡར་ དུས་ཡུན་སྐར་མ་ ༡༥ དེ་ཅིག་རྐང་སྟོང་སྦེ་འགྱོཝ་ད་དགོན་གསར་ཁའི་གཡུས་ཚན་གྱི་མཇུག་ལུ་ལྷོདཔ་ཨིན། གཡུས་ཚན་འདི་གི་ཞིང་ཅིག་གི་མཐའ་མར་བྱག་ཅིག་གི་ལོགས་ལུ་ གནས་ཡིག་ནང་གསལ་ བའི་ གུ་རུ་རིན་པོ་ཆེ་སྐུ་ངལ་གནང་བཞུགས་པའི་སྐབས་ སྐལ་བ་དང་ལྡན་པའི་མི་ཚུ་གི་དད་རྟེན་ལུ་ རྫུ་འཕྲུལ་གྱིས་ སྐུ་རྗེས་བཞག་གནང་མི་དེ་ ད་རེས་ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ནི་འདུག།

ཨཔ་རིགས་སྐྱེས་ཀྱིས་ངག་རྒྱུན་བཤད་པའི་ནང་གསལ་སྐུ་རྗེས་འདི་ ཆརཔ་དང་ཉིམ་ཕོག་སའི་བྱག་གི་ལོགས་ལུ་ཨིན་ རུང་ དང་ཕུ་ཕ་མའི་མི་རབས་ལས་ ད་རེས་ཁོ་གི་ངོ་བསྒང་ ཚུན་འགྲིབ་ཆ་ག་ནི་ཡང་མེད་པར་གསལ་ཏོག་ཏོ་སྦེ་མཇལ་བའི་ཁར་ དད་ཅན་རང་སོའི་མོས་སྣང་དང་འཁྲིལ་ཏེ་ མི་ལ་ལུ་ གིས་གུ་རུ་པདྨ་སཾ་བྷ་ཝ་དང་ ལ་ལུ་གིས་གུ་རུ་མཚོ་སྐྱེས་རྡོ་རྗེ་ ལ་སོགས་པ་ མ་འདྲཝ་སྦེ་མཇལ་ནི་ཡོད་ཟེར་བཤད་ནི་འདུག།

ཨཔ་རིགས་སྐྱེས་ཀྱིས་འགོ་འདྲེན་འཐབ་ཐོག་ལས་ ལོ་བསྟར་བཞིན་དུ་རང་ཟླ་ ༢ པའི་ཚེས་ ༡༠ ལུ་ གུ་རུའི་སྐུ་རྗེས་བཞུགས་སའི་གདོང་ཁར་ ཚོགས་འཁོར་བསྐོར་ནི་ཡོདཔ་ལས་ད་ལས་ཕར་ལྷ་ཁང་ཆུང་ཀུ་ཐོག་ཚད་གཉིས་མ་ཅིག་ སྟེང་ཐོག་གི་མཆོད་བཤམ་ནང་ སྐུ་རྗེས་ཚུདཔ་འབད་བཞེངས་ཞིན་ན་ལོ་བསྟར་བཞིན་དུ་ སྤྲེལ་ཟླའི་ཚེས་ ༡༠ ལུ་ཚོགས་འཁོར་བསྐོར་ནིའི་སྲོལ་རྒྱུན་བཙུགས་ནི་ཨིན་ཟེར་བཤདཔ་ཨིན་པས།

-PSOBhutanFB🇧🇹

Another Sacred Site: Samtenling Lhakhang, Paro Shaba སྤ་རོ་བསམ་གཏན་གླིང་ལྷ་ཁང་།Samtenling Lhakhang is another sacred rel...
01/09/2026

Another Sacred Site: Samtenling Lhakhang, Paro Shaba སྤ་རོ་བསམ་གཏན་གླིང་ལྷ་ཁང་།

Samtenling Lhakhang is another sacred religious site located above Bara Village in Shaba, Paro, at an altitude of approximately 2,400 metres. According to local tradition, Samtenling was founded in the fourteenth century, during the Sixth Rabjung, in accordance with a prophecy of Ugyen Guru Rinpoche.

The village elders believe that this temple was one of the eight Ling the sacred religious seats associated with Kunkhyen Longchen Rabjam, also known as Longchenpa, in the sacred kingdom of Bhutan.

According to the caretaker of Samtenling Lhakhang, the site known as Kunzangling, located at Chujagkha (Chewaikha) above Paro Ta Dzong, was believed to have been the first religious seat of Kunkhyen Longchen Rabjam in the area. However, after the site was offered to Hungrel Drung Drung, it could no longer be re-acquired. It is therefore believed that one of Longchenpa’s disciples from the locality may have subsequently established Samtenling and invited Kunkhyen Longchenpa to visit and reside there.

The hagiography of Hungrel Drung Drung provides further clues regarding the historical identity of these sacred sites. According to the account, Hungrel Drung Drung established a religious seat near the forest above the temple associated with Kunkhyen Drime Özer (Longchen Rabjam), in a place known as Chewai Khayi, and named it Yangön Dechenling.

The same hagiography mentions that Chewai Khayi Dingkilna, a religious site originally associated with Kunkhyen Longchenpa, was later taken over by Drung Drung and came to be known as Zimkhang Wogma, meaning the Lower Residence. Meanwhile, the earlier meditation site of Dechenling became known as Zimkhang Gongma, or the Upper Residence.

Based on these historical accounts, it is possible that the place presently known as Damchen Gongma corresponds to Yangön Dechenling—the Upper Residence of Drung Drung—while Damchen Wogma may correspond to Kunzangling, one of the former religious seats associated with Kunkhyen Drime Özer, or Longchen Rabjam.

Interestingly, the temple of Kunkhyen Longchenpa that was later taken over by Hungrel Drung Drung is recorded in Drung Drung’s hagiography simply as Chewai Khayi Dingkilna. There are no direct references to the names Kunzangling or Samtenling in the surviving account. Nevertheless, historical interpretation suggests that the religious seat known as Paro Kunzangling may correspond to Chewai Khayi Dingkilna, while Paro Samtenling may refer to the sacred temple situated above Bara Village in Shaba.

Although Kunzangling previously known as Chewai Khayi Dingkilna was genuinely one of the religious seats associated with Kunkhyen Longchenpa, it was not later enumerated among the Eight Lings of Kunkhyen Longchenpa. This may be because the site was subsequently offered to Hungrel Drung Drung and became the religious seat of his lineage and descendants.

Today, Samtenling Lhakhang remains an important yet relatively lesser-known sacred site in Paro, preserving a possible connection to the spiritual legacy of the great Dzogchen master, Kunkhyen Longchen Rabjam.

Route to Samtenling Lhakhang

To reach Samtenling Lhakhang, one must travel to Bara Village in Shaba, Paro, located along the highway towards Paro. From Bara Village, the temple can be reached by approximately a 30-minute walk uphill.

A peaceful journey through the village and surrounding landscape leads visitors to this hidden sacred site, where history, spirituality, and the legacy of Kunkhyen Longchen Rabjam continue to live on.

•སྤ་རོ་བསམ་གཏན་གླིང་ལྷ་ཁང་།

རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༢༤༠༠ གི་ས་ཁར་ཡོད་པའི་ལྷ་ཁང་འདི་ ཤར་བ་བ་རའི་གཡུས་ཚན་གྱི་ལྟག་ལུ་ཆགས་ཏེ་འདུག། སྤ་རོ་ལུ་འགྱོ་སའི་སྣུམ་འཁོར་གཞུང་ལམ་ཁར་ཡོད་པའི་ཤར་བ་བ་རའི་གཡུས་ཚན་ཡར་དུས་ཡུན་སྐར་མ་ ༢༠ དེ་ཅིག་རྐང་ཐང་འཛེགས་འགྱོཝ་ད་ལྷོད་ཚུགས། ལྷ་ཁང་འདི་ དུས་རབས་ ༡༤ པའམ་རབ་བྱུང་༦ པའི་ནང་ ང་བཅས་རའི་ཆོས་ལྡན་གྱི་རྒྱལ་ཁབ་ནང་ ཨོ་རྒྱན་གུ་རུའི་ལུང་བསྟན་དང་འཁྲིལ་ཏེ་བྱོན་པའི་མཁྱེན་རྒྱལ་བ་ཀློང་ཆེན་རབ་བྱམས་ཀྱི་གདན་ས་གླིང་བརྒྱད་ཡོད་པའི་ ནང་གསེས་སྤ་རོ་བསམ་གཏན་གླིང་ཟེར་མི་འདི་འ་ནི་ལྷ་ཁང་འདི་ཨིན་ཟེར་བཤད་མས།

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་གྱི་གདན་ས་དང་པ་ཆུ་བྱག་ཁ་( ཆེ་བལ་ཁ) ལུ་ཡོད་པའི་ཀུན་བཟང་གླིང་ལྷ་ཁང་འདི་ ཧཱུྃ་རལ་དྲུང་དྲུང་ལུ་བཅོལ་གཏམས་མཛད་དེ་བཞགས་ཞིནམ་ལས་ ལོག་སྟེ་བཞེས་མ་ཚུགས་པས། དེ་འབད་ནི་འདི་གིས་ ས་གནས་འདི་ཁ་ལས་ཨིན་མི་སློབ་མ་ཅིག་གིས་སྦྱིན་བདག་ཐོན་ཏེ་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་མཆོག་ དེ་ནང་གདན་འདྲེན་ཞུ་ཞིན་ན་གསོལཝ་བཏབ་སྟེ་གདན་ས་བཅགས་གནང་གནངམ་ཨིན་ཟེར་གཡུས་ཚུན་འདི་ནང་གི་མི་ཚུ་གིས་བཤེད་མས།

ཧཱུྃ་རལ་དྲུང་དྲུང་གི་རྣམ་ཐར་ལས་འབད་བ་ཅིན་ ཆེ་བས་ཁའི་སྡིངས་དཀྱིལ་ན་ ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་དགོན་སྡེ་ལྕགས་རི་དང་བཅས་པ་ དེའི་གོང་སྟེང་གནས་འདབས་སུ་ ཧཱུྃ་རལ་དྲུང་དྲུང་གིས་གདན་ས་བཏབ་སྟེ་ མིང་ལུ་ཡང་ ཡང་དབེན་བདེ་ཆེན་གླིང་ཞེས་མཚན་གསོལ་ནུག་ཟེར་ཐོན་ནི་འདུག། དོ་རུང་རྣམ་ཐར་དེ་ནང་ལས་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གདན་ས་ཆེ་བས་ཁའི་སྡིངས་དཀྱིལ་ནང་ཡོད་མི་དེ་ ཤུལ་མ་དྲུང་དྲུང་གིས་བརྩིས་ལེན་ཞིནམ་ལས་ གཟིམ་ཁང་འོག་མ་དང་ སྔར་དར་ཡི་ཟེར་གསུངས་ལུགས་བལྟཝ་ད་ ད་རེས་འདམ་ཅན་གོང་མ་ཟེར་མི་འདི་ དྲུང་དྲུང་གི་གཟིམ་ཁང་གོང་མ་ ཡང་དབེན་བདེ་ཆེན་གླིང་དང་ གདམ་ཅན་འོགམ་ཟེར་འདི་ དྲུང་དྲུང་གི་གཟིམ་ཁང་འོགམ་ཆེ་བས་ཁའི་རྫོང་འདི་ ཧེ་མ་ཀུན་མཁྱེན་གྱི་གདན་ས་ཀུན་བཟང་གླིང་ཟེར་མི་འདི་རང་ཨིནམ་འོང་ནི་མས།

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ ཀྱི་གདན་ས་ཧཱུྃ་རལ་དྲུང་དྲུང་གིས་རྩིས་བཞེས་མི་འདི་མིང་ལུ་ ཆེ་བས་ཁའི་སྡིངས་དཀྱིལ་ན་ཟེར་མ་གཏོགས་ ཀུན་བཟང་གླིང་དང་བསམ་གཏན་གླིང་གི་དབྱེ་བ་དང་མི་ཚུ་ ཧཱུྃ་རལ་དྲུང་དྲུང་རྣམ་ཐར་ནང་ག་ནི་ཡང་མ་བཀོད་པས། ཨིན་རུང་ ཀུན་མཁྱེན་གྱི་གདན་ས་ སྤ་རོ་ཀུན་བཟང་གླིང་ཟེར་མི་འདི་ ཆེ་བས་ཁའི་རྫོང་འདི་རང་ཨིན་དགོ་ན་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ ཀྱི་སྤ་རོ་བསམ་གཏན་གླིང་ཟེར་མི་འདི་ ད་རེས་ཤར་བ་བ་རིག་ལྟག་ལུ་ཡོད་མི་དེ་རང་ཨིནམ་འོང་ནི་མས།

-PSOBhutanFB🇧🇹

Address

Changbangdu
Thimphu

Website

Alerts

Be the first to know and let us send you an email when Pilgrimage Sites of Bhutan -2 འབྲུག་ལུ་བྱིན་རླབས་ཅན་གྱི་གནས-༢་པ། posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Business

Send a message to Pilgrimage Sites of Bhutan -2 འབྲུག་ལུ་བྱིན་རླབས་ཅན་གྱི་གནས-༢་པ།:

Shortcuts

Share

Category