10/06/2025
སྤྱི་ལོ༢༠༢༥ ཟླ་བ་༦ པའི་ཚེས་༩ ཉིན་
པི་ཨེམ་ཤྲི་གཞུང་གི་མཐོ་རིམ་སློབ་གྲྭ་ཆུ་སྨན་ཐང་གི་སློབ་ཕྲུག་རྣམས་ནས་བྷོ་ཊི་སྐད་ཡིག་ནང་བྲིས་པའི་ "ངའི་དམིགས་ཡུལ་ངའི་མི་ཚེ་”ཞེས་པའི་སྙན་རྩོམ་རྣམས་ཕྱོགས་བསྒྲིགས་བྱས་ནས “རྨི་ལམ་གྱི་རྒྱ་མཚོ་” ཞེས་པའི་དུས་དེབ་ཞིག་པར་བསྐྲུན་མཛད་པ་དེ་ལ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གླེའི་སྡེ་དཔོན་གཞོན་པ་དཔལ་ཚེ་རིང་དབང་ཕྱུག་མཆོག་གིས་དགའ་སྤྲོའི་ངང་སྒོ་དབྱེད་མཛད་ནས། མཐོ་རིམ་སློབ་གྲྭའི་གཙོ་བོ་སློབ་སྤྱི་དང་དགེ་རྒན་ལས་བྱེད་པ་ཡོངས་ལ་རྩོམ་གི་དུས་དེབ་ “རྨི་ལམ་གྱི་རྒྱ་མཚོ་” ལེགས་གྲུབ་ཁྱད་འཕགས་པ་འདི་ལ་བསྟོད་བསྔགས་བཀྲ་ཤིས་བདེ་ལེགས་དང་བློ་སྤོབས་སྐྱེད་པའི་གཏབ་བཟང་ཀུན་གསུང། དེ་སྐབས་རོང་ཆུ་རྒྱུད་ཁྱུང་ཞབས་སྡེ་ཁག་གི་སྤྱི་འཐུས་དཔལ་འཕྲིན་ལས་ནོར་བུ་། ཡོན་ཏན་ལས་ཁུངས་ཀྱི་དཔོན་པོ་སྐུ་ཞབས་བདེ་ལྡན་དབང་མོ། སློབ་གྲྭ་འདི་ཉིད་ཀྱི་སློབ་སྤྱི། བྷོ་ཊི་དགེ་རྒན་དགེ་དཀོན་མཆོག་བསྟན་འཛིན་དང་དགེ་རྒན་དོན་གྲུབ་དཔལ་མོ་ཀུན་བཞུགས་ཡོད།
Leh, June 10:
In a heartening initiative to promote student creativity and local expression, students of Government High School Chumathang has launched a school magazine called Milam Ge Gyatso. The magazine features an original essay titled Naye Mi Gul, Naye Mitse, celebrating new dreams and emerging identities in Ladakh.
The Deputy Chairman Tsering Angchuk formally unveiled the magazine and expressed his appreciation for the students’ initiative. He commended their thoughtful writing and acknowledged the efforts of the teachers and school staff who have played a crucial role in encouraging such creative pursuits within the school.
Present during the occasion were Hon’ble Councillor Shri Thinles Nurboo, Chief Education Officer, Smt. Deldan Angmo; Padma Tsering Head Master Govt High School Chumathang, Bhoti Teacher Ven. Konchok Stanzin, Teacher Tundup Palmo