28/10/2017
སྐྱ་ཐལ་ཐལ་གྱི་མཁའ་དབྱིངས།
སྔོ་ལྷོག་ལྷོག་གི་རི་མགོ།
རྡུལ་འཚུབ་འཚུབ་ཀྱི་རྒྱ་ལམ།
སྟོང་སེང་སེང་གི་ཁྲོམ་གཞུང་།
གྲང་ཆགས་ཆགས་ཀྱི་གནམ་ཟླ།
སེར་ཐིང་ཐིང་གི་ནགས་ཚལ།
འདི་ནི་སླེབས་ལ་ཉེ་བའི་རྡ་སའི་དགུན་དུས་ཀྱི་སྟ་གོན་རེད།